湛江俱乐部推荐分享组

ཕོ་གསར་བདེ་ལྡན།2017年东方时尚中国模特大赛全国亚军【德旦】

丹真2021-12-04 06:45:01


མི་སྣ་འོས་སྦྱོར། 

བོད་ཀྱི་ཤོམ་འགྲོ་བ་བདེ་ལྡན།


              མི་ཚེའི་འཚོལ་སྙེག་གི་འདམ་ཁ་སྒྱུ་རྩལ་ལ་བཅོལ་ཞིང་ལྷན་སྐྱེས་ལུས་ངག་གི་སྟངས་སྟབས་གར་སྟེགས་ལས་ངོམས་པའི་བོད་ཀྱི་ཤོམ་པ་བདེ་ལྡན་《德但》《 DEDAN》 ལགས་ནི།  སྤྱི་ལོ་1993.4.8.ཉིན་མདོ་སྨད་རྟ་ཡི་ཆོལ་ཁའི་ལྷོ་རྒྱུད།   རྔ་ཁོག་ལགས་པ་སྐྱ་མོའི་སྟོད་ཕྱོགས།  ཨ་རན་ཚོ་བ་དྲུག་གི་ཆར་གཏོགས་རྡོ་ཤུལ་འགབ་མའི་གད་ཁ་ཚང་ཞེས་པའི་དུད་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས།  རང་ཡུལ་གྱི་སློབ་གྲྭ་ཆེ་འབྲིང་འགྲིམ་པའི་གོ་སྐབས་སོགས་མ་རེག་ན་ཡང་ལོ་བཅུ་བཞིའི་སྟེང་དུ་ཕུ་བོའི་གྲྭ་ཚབ་བྱས་ཏེ་གཉན་རྩེ་དགོན་དགེ་ལྡན་བྱང་ཆུབ་གླིང་དུ་རབ་ཏུ་བྱུང་ནས་ཡི་གེའི་སྦྱོར་ཀློག་གི་རོལ་དབྱངས་ཐོག་མར་དཀྲོལ། 
             ཡིན་ན་ཡང་ལས་དབང་གིས་བསྐོས་ཐང་ཞིག་གམ་སྟེས་དབང་གིས་འཁོར་བསྐྱོད་ཅིག་གིས་སྤྱི་ལོ2011.9.5.ཉིན་མགོ་ལོག་{གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་}དུ་《红格尔多杰民族职业高中 》དངོས་ཞུགས་བྱས་ཏེ། ལོ་ངོ་གཅིག་ལྷག་ལ་གཉིད་བཅག་ཟས་བརྗེད་ཀྱི་ཀློང་ནས་བོད་སྐད་ཡིག་གི་གཙོ་བོར་གྱུར་བའི་སྐབས་བབས་ཀྱི་སྦྱང་བྱ་དག་ལ་བརྩོན་པ་ལྷོད་མེད་གནང་བས་གྲུབ་འབྲས་བཟང་བོ་ལོན།
              སྤྱི་ལོ་2011.10.12.ཉིན་གློ་བུར་བའི་རྐྱེན་དབང་ཞིག་གིས་ཁྲིན་ཏུའུ་ལྷ་ཡི་གྲོང་ཁྱེར་དུ་གནས་སྤོར་རྒྱག་དགོས་ཐུག་སོང་།  ཡིན་ནའང་ཕ་ཡུལ་གཅིག་པའི་གྲོགས་པོ་ཞིག་བརྒྱུད་དེ་{གངས་ཅན་པ་འཁྲབ་སྟོན་གླིང་}དང་{ཁྲིན་ཏུའུ་བོད་ཁྱིམ་གླུ་གར་ཁང་}རྣམས་སུ་ཆང་སྐྱེལ་ཞབས་ཞུ་བའི་ལས་ཀ་སོགས་ཟླ་ངོ་ཁ་ཤས་ལ་གཉེར། ལྷག་དོན་དུ་ཁྲིན་ཏུའུ་མི་རིགས་གླུ་གར་ཁང་གི་འཁྲབ་སྟོན་སྤྱི་ཁྱབ་པ་དང་ཁོ་གཉིས་ངོ་ཤེས་སུ་གྱུར་ཏེ།  ན་གཞོན་ཁོས་སྒྱུ་རྩལ་ལ་བཅིང་བའི་ཕུགས་བསམ་དང་རེ་བ་ཁོ་ལ་བཤད་པས་གར་ཁང་དེའི་འཁྲབ་སྟོན་པ་བཅོས་མ་ཞིག་གི་བགྱི་བ་དང་དུ་བླངས། དེ་ནས་རིམ་བཞིན་ཁོའི་དགའ་ཕྱོགས་དང་བསྟུན་ནས་སྒྱུ་རྩལ་ལས་རིགས་ལ་འབད་པ་ལྷོད་མེད་བྱས་ཏེ། ཡང་བསྐྱར་ཕ་ཡུལ་གཅིག་པའི་གྲོགས་པོ་ཤིག་བརྒྱུད་དེ་ཁམས་ནག་ཆུའི་{སྦྲ་ནག་གླུ་གར་ཁང་}དུ་འཁྲབ་སྟོན་པ་ངོ་མ་ཞིག་གི་འགན་འཁྲི་ཁུར་ནས་བྱ་བ་གཉེར། དེ་ནི་ན་གཞོན་ཁོའི་ལང་ཚོའི་འགྱུར་ཁུག་ངོམས་པའི་གར་སྟེགས་ཐོག་མ་དེ་ཆགས་ཡོད། 

         སྤྱི་ལོ་2017.4.5.ཉིན་ཁྲིན་ཏུ་ལྷ་ཡི་གྲོང་ཁྱེར་ནས་དོམ་ཕྲ་སྤྲོ་སྐྱིད་ཁང་《熊猫俱乐部》གིས་གཙོ་སྒྲུབ་མཛད་པའི་{ན་གཞོན་རྩལ་ལྡན་འགྲན་ཚོགས་}ཞེས་པའི་《快乐男声》རྒྱལ་ཡོངས་སྟག་ཤར་ཁྲི་སྟོང་གིས་ལང་ཚོའི་སྟངས་སྟབས་རྫོགས་པའི་གར་སྟེགས་ངོ་མཚར་བ་ཞིག་གི་ཡུལ་ངོས་སུ་ཞུགས། འགྲན་ཞུགས་ཨང་རྟགས་0243.ཡིན། སྐབས་དེའི་འགྲན་ཞུགས་པ་ཡོངས་ལ་ཁྱོན་མི་མགོ་ལྔ་སྟོང་ལྷག་ཡོད་ཀྱང་མཇུག་མཐར་ཕུལ་བྱུང་མི་སྣ་ལྔ་བཅུའི་གྲས་སུ་ཚུད་དེ་རྒྱལ་ཕྱི་ནང་གི་རྒྱ་ཆེའི་ལྟད་མོ་བ་རྣམས་པས་དགའ་བསུ་ཆེན་པོ་ཐོབ།  

           སྤྱི་ལོ་2017.6.24.ཉིན་ཀན་ལྷོ་ལམ་སྣ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སུས་འཆར་བཀོད་བྱས་པའི་{ཀྲུང་ཀོའི་སྐབས་དང་བོའི་བོད་ཀྱི་ཤོམ་པའི་འགྲན་བསྡུར་}ཞེས་པའི་《中国首届藏模大赛》གར་སྟེགས་སུ་དངོས་ཞུགས་གནང། འགྲན་ཞུགས་ཨང་རྟགས་19.ཡིན། སྐབས་དེའི་འཛུབ་སྟོན་མཁན་གླུ་བ་གདུགས་དཀར་ཡག་དང་གཞས་མ་དབང་སྒྲོན་མཚོ་གཉིས་ཀྱི་བཀོད་སྒྲིག་འོག་བོད་མདོ་དབུས་ཁམས་གསུམ་ནས་ཤོམ་འགྲོ་བ་ཆིག་སྟོང་ལྷག་གིས་ལྷ་ས་དང་། ཟི་ལིང་། ཁྲིན་ཏུའུ་བཅས།  ས་གནས་མི་འདྲ་བ་དུ་མ་ནས་ཤོམ་འགྲན་བྱས་ཏེ། མཐར་འགྲན་ཞུགས་པ་མི་སྣ་བརྒྱ་དང་དྲུག་ལྷག་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟིང་རྩོད་འགྲན་བསྡུར་ཀྱི་དངོས་གཞིར་ཨང་རྟགས་36བྱས་ནས་ན་གཞོན་ཁོས་ཕུལ་བྱུང་བྱ་དགའ་ཐོབ་པར་མ་ཟད།  བོད་ཀྱི་ཤོམ་པ་བདེ་ལྡན་ཞེས་འཛམ་གླིང་དྲྭའི་ཀློང་ནས་ཀུན་གྱིས་གླེང་གཞི་ཞིག་ཏུ་གྱུར་ཡོད། 

          སྤྱི་ལོ་2017.9.23.ཉིན་ཧྲང་ཧེ་གྲོང་ཁྱེར་དུ་{ཤར་ཕྱོགས་དར་སྲོལ་ཀྲུང་གོའི་ཤོམ་པའི་འགྲན་བསྡུར་གྱི་རྩོམ་སྒྲིག་འཁྲབ་ཁྲིད་ལས་ཁུངས་}ཀྱིས་《东方时尚中国模特大赛编导》གཙོ་སྒྲུབ་གནང་བའི་{ཀྲུང་གོའི་ཤོམ་འགྲོའི་འགྲན་བསྡུར་}ཞེས་པའི་ 《中国模特大赛》སྐབས་བདུན་པའི་སྟེང་དུ་ཞུགས་པའི་གོ་སྐབས་རེག  འགྲན་ཞུགས་ཨང་རྟབས་1826.ཡིན།  ཁྱོན་སྔ་ཕྱིར་འགྲན་ཞུགས་མི་སྣ་བདུན་སྟོང་ལྷག་འདུག་མོད།  ཐོག་མའི་འགྲན་བསྡུར་དྲྭ་ལམ་ནས་སྤེལ་ཏེ་ན་གཞོན་ཁོ་གདམ་ཐོན་བྱུང་། དེ་ནས་ཡང་བསྐྱར་ཧྲང་ཧེ་གྲོང་ཁྱེར་དུ་སོང་ནས་ཤོམ་འགྲམ་ཐེངས་གཉིས་ལ་བྱས་ཏེ་མཇུག་མཐར།  ཤར་ཕྱོགས་དར་སྲོལ་ཞེས་པའམ་ཀྲུང་གོའི་ཤོམ་འགྲོ་བ་ཕོ་གསར་བདེ་ལྡན་ལ་ཨང་གཉིས་པའི་བྱ་དགའ་ཐོབ། 

               ད་ལྟ་ཕ་ཡུལ་གཅིག་པའི་ན་གཞོན་ཁག་ཅིག་དང་མཉམ་དུ་{ཁྲིན་ཏུའུ་སྟོབས་ཚང་གློག་རིས་རིག་གནས་མང་སྤེལ་ཚད་ཡོད་ཀུང་སི་}ཞེས་པའི་མཐུན་གཉེར་ཁང་ཞིག་བཙུགས་ཏེ་དུས་རབས་དང་འཚམས་ཤིང་མི་རིགས་དང་མཐུན་པའི་དགོང་ཚོགས་བརྙན་ལེན་དང་ཆེད་སྒྲིག་བཟོ་བསྐྲུན་སོགས་སྒྱུ་རྩལ་གྱི་ལས་ལ་གཞོལ་བཞིན་པའི་ཞོར་དུ། {ཁྲིན་ཏུའུ་ནས་འབྲུ་གླུ་གར་ཁང་}དུ་ལས་ཞུགས་བྱས་ཏེ་གར་ཁང་དེའི་འཁྲབ་སྟོན་པ་ཡོངས་ཀྱི་རྩེ་གྲས་སུ་ཚུད་ཡོད།  ད་དུང་གར་ཁང་དེའི་ལས་མི་ཡོངས་ཀྱིས་ཁོ་ལ་{ཉི་མའི་འཛུམ་ཟེར་ཅན་}དང་{བོད་ཀྱི་ཕོ་རྒོད་}ཅེས་བའི་དོན་མཐུན་གྱི་ཆོ་ལོ་རབ་དང་རིམ་པ་མང་བོ་ཞིག་ཀྱང་བསྩལ་དང་སྩོམ་བཞིན་པ་ལགས་སོ།།

经典重现...... 

来自阿佳娜姆的“民族风”燃爆中国国际时装周




Copyright © 湛江俱乐部推荐分享组@2017